无损音乐下载 - FLAC、APE、WAV、DSD、DTS最全的无损音乐免费下载 登录 | 注册

首页 > 华语音乐 正文

谢旦-真心相爱[FLAC]

华语音乐 2021-03-06 07:48 29 Mb 171
谢旦-真心相爱
作词 : 周拉加
作曲 : 曲塔
ཞེ་འདང་།

ཚིག འབྲུག་ལྷ་རྒྱལ།
དབྱངས། ཆོས་དར།
གླུ་བ། ཤེར་བསྟན།

སེམས་ཀྱི་ཨ་ལོང་ནང་ན།
བརྩེ་བའི་ཡང་ལོང་བརྒྱུས་ནས།
སྙིང་ཆུང་དམར་པོའི་དྲོད་ཤ།
ཕོ་ངའི་བྲང་ལ་གླན་སོང་།
གློ་དང་མཆིན་པའི་བར་གྱི།
སྡུག་གི་ན་བུན་དྭངས་ནས།
འཇིག་རྟེན་འཁོར་བ་འདི་ལ།
སྐྱིད་ཀྱིས་ཁེངས་པ་ཤེས་སོང་།
ཚེ་གཅིག་ལུས་གཅིག་འདི་ལ།
རིང་ནས་འདྲིས་ཤིང་མཐུན་ན།
ལྷ་ལུས་ལེན་ཀྱང་མི་དགོས།
མོ་སྨན་ཁྱོད་ཀྱིས་ཆོག་ཡོད།
ཞེ་འདང་ཞེ་ལ་བཅངས་ཡོད།
ཡང་འདང་སྙིང་ལ་ཟུག་ཡོད།
ཞེ་འདང་ཡང་འདང་ཅན་མ།
ཚེ་རབས་འདི་ཡི་བསོད་ནམས།

འོ་་་་་་ཧོ་་་་་་ཨོ།
ཞེ་འདང་།
འོ་་་་་་ཧོ་་་་་་ཨོ།
ཞེ་འདང་།
ཞེ་འདང་རྡོ་རྗེ་བྲག་ཡིན།
ཞེ་འདང་བསྐལ་བའི་རིང་ཡིན།
ཞེ་འདང་རྡོ་རྗེ་བྲག་ཡིན།
ཞེ་འདང་བསྐལ་བའི་རིང་ཡིན།

འཛོམས་ནས་གྱེས་བྲལ་བྱུང་སྟེ།
ལོ་ཟླ་ག་འདྲ་འགོར་ཡང་།
ཡིད་སེམས་དར་དཀར་ངོས་ལ།
ནག་ནོག་ཙམ་ཡང་མ་བྱུང་།
ཁྲེལ་གཞུང་བརྟན་པོས་བཟུང་པའི།
བུ་མོ་ཁྱོད་འདྲ་ཐོབ་ན།
ས་སྟེང་མཛེས་མའི་ཁྲོད་ལ།
མིག་ཟུར་ཙམ་ཡང་མི་ལྟ།
མ་མཇལ་སོ་སོར་གནས་དུས།
དྲན་པའི་ན་ཟུག་ལྕི་ལ།
མཇལ་ནས་ལྷན་ཅིག་འཛོམས་ཀྱང་།
ད་དུང་དྲན་ཞིང་དྲན་ཡོང་།
ཞེ་འདང་ཞེ་ལ་བཅངས་ཡོད།
ཡང་འདང་སྙིང་ལ་ཟུག་ཡོད།
ཞེ་འདང་ཡང་འདང་ཅན་མ།
ཚེ་རབས་འདི་ཡི་བསོད་ནམས།

འོ་་་་་་ཧོ་་་་་་ཨོ།
ཞེ་འདང་།
འོ་་་་་་ཧོ་་་་་་ཨོ།
ཞེ་འདང་།
ཞེ་འདང་རྡོ་རྗེ་བྲག་ཡིན།
ཞེ་འདང་བསྐལ་བའི་རིང་ཡིན།
ཞེ་འདང་རྡོ་རྗེ་བྲག་ཡིན།
ཞེ་འདང་བསྐལ་བའི་རིང་ཡིན།
ཞེ་འདང་བསྐལ་བའི་རིང་ཡིན།
ཞེ་འདང་བསྐལ་བའི་རིང་ཡིན།

Tags:谢旦 

Download:无损音乐下载方法 

热门歌手推荐